众力资讯网

ཐེ་རོན་ཕུའུ་ཡིས་ཡུག་རེན་ལ་ཐ་ཚིག་བསྒ...

ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡ

ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། ཚེས་27ཉིན་ནི་ཡུག་རེན་གྱིས་ཨ་རིས་རྒྱབ་སྐྱོར་བྱེད་པའི་ཞི་བདེའི་འཆར་གཞི་དང་ལེན་བྱེད་པའི་མཐའ་མའི་དུས་བཀག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།

གནས་ཚུལ་གཞན་ཞིག་གི་ནང་། ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཚེས་21ཉིན་ཁ་པར་བརྒྱབ་ཡོད་ཅེས་འཁོད་ཡོད། དེ་དང་ཆབས་ཅིག་ཐེ་རོན་ཕུའུ་སྲིད་གཞུང་གིས་ཡུག་རེན་ནས་ཚེས་27ཉིན་གྱི་གོང་ཨུ་ཡུག་གདོང་གཏུག་མཇུག་འགྲིལ་བའི་འཆར་གཞི་ཞིག་ལ་མོས་མཐུན་བྱ་རྒྱུའི་སྐུལ་མ་བཏང་ཡོད་པ་རེད།

ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐེ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་ཕྱི་དྲོ་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཉེ་ཆར་ཡུག་རེན་ཕྱོགས་དང་ཐུག་འཕྲད་བྱས་ནས་“ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་ཞི་བདེའི་འཆར་གཞི་”ཞིག་ལ་གྲོས་བསྡུར་བྱས་པ་ར་སྤྲོད་བྱས་ཡོད། ལའེ་ཝེ་ཐེ་ཡིས། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་དང་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཧྥུའུ་གྲོས་མོལ་ནང་ཞུགས་ཡོད་ཅེས་དང་། ཨ་རིའི་སྲིད་གཞུང་གིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་ཇི་ལྟར་མཇུག་འགྲིལ་རྒྱུའི་ཐད་“ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་དང་སྐད་ཆ་ཤོད་རེས་ཡག་པོ་བྱེད་བཞིན་ཡོད་”ཅེས་བཤད་པ་རེད།

དེའི་གོང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྲིད་གཞུང་གིས་ཨུ་རུ་སུ་དང་ཡུག་རེན་དབར་གྱི་ཞི་བདེའི་གྲོས་མོལ་སླར་གསོ་བྱ་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད་མ་ཟད། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་མཇུག་འགྲིལ་བའི་འཆར་གཞི་གསར་པ་“དོན་ཚན་28”ཞེས་པ་འཆར་ཟིན་བཀོད་ཟིན་ཞིང་། ཨུ་རུ་སུ་ཕྱོགས་དང་གྲོས་བསྡུར་གཏིང་ཟབ་བྱས་ཡོད་ཅེས་བཤད་ཡོད། འཆར་གཞི་དེའི་ནང་། ཡུག་རེན་གྱི་ཞི་བདེ་དང་། བདེ་འཇགས་འགན་ལེན། ཡོ་རོབ་གླིང་གི་བདེ་འཇགས། ཨ་ཨུ་(ཨ་རི་དང་ཨུ་རུ་སུ་)དང་ཨ་ཡུག་(ཨ་རི་དང་ཡུག་རེན་)བར་གྱི་འབྱུང་འགྱུར་འབྲེལ་བ་བཅས་ཚུད་ཡོད་པ་རེད། ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་གལ་སྲིད་ཕྱོགས་ཁག་གིས་སྟབས་བསྟུན་རང་བཞིན་མངོན་ཚེ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་མཇུག་འགྲིལ་བའི་གོ་སྐབས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་ཡོད།

评论列表

郁闷
郁闷 2
2025-11-24 12:45
什么鬼