མངའ་བདག་འོད་སྲུང་གི་རྒྱུད་པ་རྣམས་འུ་ཤང་དོར་བྱོན་པ་དང་། དེ་ནས་ཡར་སྟོད་པ་རྣམས་ཀྱིས་གདན་དྲངས་པ་ཞིག་རེད། ༼ལྷ་བུ་ག་ཅན་གྱི་གདུང་རབས༽བྲིས་མ་ཤོག་ལྡེབ་བཅུ་ཅན་ཞིག་དང་། ༼གཡའ་བཟང་ཆོས་འབྱུང༽དང་། གུས་པས་སྒེར་ཉར༼གདུང་རྒྱུད་རྐྱང་པའི་ལོ་རྒྱུས་ཡར་དེད་པ༽གསུམ་གོ་བསྡུར་ནས་བལྟས་ན། ལྷ་བུག་པ་ཅན་གྱི་ཡར་སྟོད་པར་ཁེལ་པ་དང་། དམིགས་བསལ་ཡིག་རྙིང་རྩ་ཆེན་པོ་ཞིག་གི་ཚིག་རྡོག་འགས། ཡར་སྟོད་ལྷ་བུག་པ་ཅན་གྱི་གནའ་ཤུལ་འདིར་ཡུལ་དངོས་བརྟག་དཔྱད་དུ་ཡོང་པ་ཡིན་ལ། མ་འོངས་པར་འབུམ་རམས་པ་ཐོན་ཚར་ན་འདིའི་སྐོར་ནས་དམིགས་བསལ་ཞིག་འབྲི་རྒྱུར་འཆར་གཞི་འདིང་བཞིན་ཡོད། ལྷ་བུག་པ་ཅན་ནི་དིང་སང་ལྷོ་ཁ་ས་ཁུལ་སྣེ་གདོང་ཆུས་ཕོ་བྲང་ཞང་བདེ་ཞིང་གྲོང་ཚོར་ཡོད། ཐེངས་འདིར་མཚོ་སྣ་བ་བདེ་ཆེན་ཚེ་དབྱངས་ལམ་སྣེ་ཁྲིད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། — བན་ཤུལ་པས་ལྷ་བུག་པ་ཅན་གྱི་གནའ་ཤུལ་ནས། 考察雅堆喇·乌巴坚家族遗址/ 完秀·华科加








