众力资讯网

ལོ་ཟླའི་ཆ་ཤས་རླུང་བུས་ཟགས་ཟགས་པའི།། འདས་

ལོ་ཟླའི་ཆ་ཤས་རླུང་བུས་ཟགས་ཟགས་པའི།། འདས་པའི་བགྲང་བྱ་བཅུ་ཡི་སྔོན་རོལ་ཏུ།། ཤར་ནུབ་བསམ་པ་སོ་སོར་མཆིས་ནའང་།། ཞང་ཞུང་འདུ་ཚོགས་ཞིག་ནས་ངོ་ཤེར་གྱུར།། གཏན་ཚིགས་རི་མོར་ཕབ་པ་འདུན་པའི་རྩེ།། སྐྲ་སེར་རླུང་ལ་བསྐྱོད་པའི་ནུབ་གླིང་པས།། སྔར་བཞིན་ཞང་ཞུང་རི་ཆུ་འཚོལ་ནའང་།། བདག་ཉིད་རིགས་ཀྱིས་མནར་ནས་རྒྱུ་མཚམས་ཆད།། ཕྲག་དོག་ཁྲག་གིས་མྱོས་པའི་དུག་གི་མཚོ།། ཁོལ་བས་རི་རབ་ལྷུན་པོ་གཡོ་བའི་ཚེ།། ཉམས་ཆུང་ཐོས་པར་བརྩོན་པའི་དཔེ་ཆ་བ།། གཅིག་པུར་རྒྱུ་བའི་སྐལ་བ་གནམ་གྱིས་བྱིན།། ཞང་ཞུང་ཞེས་པ་གནའ་བོའི་རིག་གནས་ཙམ།། སྔ་སྟགས་དཔེ་རུ་ཤར་བའི་གཟུགས་རིས་ལ།། མི་འདོད་གཏམ་རྒུ་སྨྲ་བའི་ཁ་ཡི་དབྱིབས།། ཁྲོ་བའི་ཞལ་ཙམ་གདངས་ནས་དམོད་མོ་འདེབས།། གང་ཡང་མ་འགྲིག་ཅི་ཡང་མི་མཁྱེན་པའི།། ལྐུགས་པའི་འཛུམ་གྱིས་བསུས་པའི་ངང་ཚུལ་འདི།། ལྔ་སྙིགས་མི་ཁྱུར་འགྲོ་བའི་སྐྱབས་འགྲོ་སྟེ།། བདེན་པའི་རྩ་དོན་གཡུ་ཆུང་བཞིན་དུ་སྦས།། ནམ་ཞིག་ཤར་ནས་སྐྱེ་རེངས་འཆར་བ་དང་།། བརྩེ་ལྡན་ལྷ་མོའི་ཞལ་རས་མཐོང་གྱུར་ན།། སྨྲེང་བའི་གཏམ་གྱིས་བྲིས་པའི་ཡིག་ཆུང་འདི།། མཉམ་སྤྱོད་ཀློག་པའི་ལས་ལ་སུ་མི་སྤྲོ།། — ཞེས་པ་འདི་ཡང་གྲོགས་པོ་མཱར་ཁུན་པའི༼ཞང་ཞུང་བསྐྱར་བསྒྲིགས་སྨྲ་མཛོད་གཏམ་རྒུ་འཕྱུར་པའི་རླབས་འཕྲེང༽ལ་ཉན་རྗེས་སུ་བན་ཤུལ་པས། [拥抱]