རི་རྩེ་སྤྲིན་གསེབ་ཏུ་ཟུག་པའི་གླང་ཆེན་འགྱིང་རིའམ་འཕགས་པ་ཀུན་ཏུ་བཟང་པོའི་གནས་མཆོག་འདི་ལ་དེ་རིང་མཇལ་བས་སྐལ་བ་ལྡན། སྔོན་གྱི་གནའ་ཡིག་དག་ལས་བཤད་པའི་མིང་ནི་{རི་བོ་འོད་ཟེར་ཅན་}ཡང་རི་འདི་ཡིན་ནོ་གཞུང་རྣམས་སུ་བཤད། རི་བོ་འདི་རྩེ་མཐོ་ཤོས་ནི་ལ་རྒྱ་མཚོའི་ངོས་ནས་སྨི་སུམ་སྟོང་དགུ་བཅུ་གོ་དགུ་ཡོད་ཅིང་ཡིག་ཆ་ཁ་ཤས་དུ་སངས་རྒྱས་ཁྲི་ཡི་རི་བོ་ཡང་{万佛山}ཟེར། ཧཱན་རྒྱལ་རབས་ཀྱི་དུས་ནས་བཟུང་གནས་འདིར་ལྷ་ཁང་དང་གཙུག་ལག་ཁང་ཡོད་ཅེས་བྲིས་འདུག་མོད། ཡིན་ནའང་དགོན་འདིའི་དཀར་ཆགས་ལྟར་ན་ཆེས་སྔ་བའི་དགོན་པ་ནི་ཝེ་རྒྱལ་རབས་ཀྱི་དུས་སུ་བཞེངས་བའི་ཆུ་ནག་དགོན་པ་{水黑寺}སྟེ། ཅིན་རྒྱལ་རབས་སུ་གནས་འདིར་འཕགས་པ་ཀུན་ཏུ་བཟང་བོའི་སྐུ་བརྙན་བཞེངས་ཤིང་ཕུ་ཤན་དགོན་ཞེས་མཚན་གསོལ། ཐང་རྒྱལ་རབས་ཀྱི་རིང་ཆུ་དཀར་དགོན་{白水寺}ཞེས་མིང་བསྒྱུར། མིང་རྒྱལ་རབས་སྐབས་ཀྱི་དུས་སླར་ཡང་དབན་ཉན་དགོན་ཞེས་མཚན་བརྗེས། སྔར་དགོན་པ་འདི་ལ་ལྷ་ཁང་བདུན་ཙམ་ལས་འཆིས་ཀྱང་ཕྱིས་སུ་མེ་དགྲ་བཞེས་ཏེ་སྲེག་ཟའི་ཁམས་སུ་ཐིམ། སྤྱི་ལོ་༡༩༥༣.ལོར་བསྐྱར་དུ་བཞེངས། དགོན་པ་འདི་ནི་གླང་ཆེན་འགྱིང་རིའི་དགོན་པ་ཐམས་ཅད་ནང་ནས་ཆེས་ཆེ་ཤོས་དང་སྔ་ཤོས་ཡིན་ཟེར། གནས་མཆོག་འདི་ལ་དགེ་འདུན་པ་བཞི་བཅུ་ཡས་མས་དང་མཉམ་དུ་སྨོན་ལམ་ཕྱོགས་གཅིག་ཏུ་བཏབ།
