རང་གི་ཁམས་དང་མོས་པ་ལ་བསྟུན་ནས་ལྷོད་ཡངས་སུ་བསྡད་ན་འདི་འདྲའི་སྐྱིད་པ་ལ། ལྗང་མདོག་གི་གསོན་ཤུཊ་རྒྱས་པའི་སྤང་ཐང་ལ་ལྟོས་དང་ཅི་འདྲའི་བག་ཕེབས་པ་ལ།ཉི་ནུབ་ཀྱི་འོད་སྣང་ཨེན་ཙམ་ཕོག་པའི་རྫ་རི་ལ་ལྟོས་དང་ཅི་འདྲའི་ལྷོད་ཆགས་པ་ལ། ལུས་སེམས་བག་ཡངས་ཀྱི་ངང་ནས་ལྷིང་འཇགས་ཀྱི་ངལ་གསོ་ཐེངས་གཅིག་བྱས།


